H.E. Tulku Chophel Rinpoche participated Krodikali teaching in Pharping, Nepal.
H.E. Tulku Chohel Rinpoche participated in the 6th annual 3-day Krodikali teaching and practice in Pharping, Nepal.
ཡེ་ཤེས་མཁའ་འགྲོའི་གསང་མཛོད་སྙིང་གི་ནོར། །
དུས་བབ་གཏེར་གསར་བསྟན་པའི་བདག་པོ་མཆོག །
རིགས་བདག་གདུང་འཛིན་དགའ་རབ་རྡོ་རྗེ་ལ། །
མི་ཕྱེད་དད་པའི་ངང་ནས་མི་ཚེ་སྐྱེལ། །
ཁྲོས་མའི་གསང་ལམ་སྣེ་ཁྲིད་ལམ་སྟོན་པ། །
རིག་འཛིན་བརྒྱུད་པའི་སྲོག་ཤིང་རིན་པོ་ཆེ། །
རྩ་བའི་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །
དོགས་པ་རྩད་ནས་གཅོད་བཞིན་མི་ཚེ་སྐྱེལ། །
བདུད་འཇོམས་ཁྲོས་མའི་ཉམས་ལེན་གོ་སྐབས་ཐོབ། །
ཌ་དྲིལ་རྐང་གླིང་རྣལ་འབྱོར་ཆས་གྱོན་པའི། །
སྐལ་བཟང་ཐོབ་པའི་ཕུན་ཚོགས་བསོད་ནམས་ཆེར། །
དགའ་སྤྲོའི་བརྗིད་ཉམས་ངང་ནས་མི་ཚེ་སྐྱེལ། །
འབྲེལ་ཚད་དོན་ལྡན་ཁྲོས་མའི་ཉམས་ལེན་གྱིས། །
བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །
ང་འཛིན་འཁྲུལ་པའི་རྩ་བ་རང་སར་བཅོམ། །
ཀུན་བཟང་དོན་གྱི་གནས་ལུགས་རྟོགས་པར་ཤོག །
སྣང་སྲིད་ཁྲོས་མའི་རོལ་པར་ལྟ་བའི་མཐུས། །
འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་བསྒྲུབས་ནས། །
ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པའི་མཐུས། །
མཐའ་ཡས་འགྲོ་ཀུན་ཁྲོས་མའི་ས་ཐོབ་ཤོག །
2026/10/29/




Comments